༄༅། །དཔལ་རྡོ་རྗེ་འཇིགས་བྱེད་དཔའ་པོ་གཅིག་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བླང་པའི་ཆོ་ག་ནག་པོ་འགྲོས་[*<'GRO SA]ཤེས་སུ་བཀོད་པ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། [001A] །ན་མོ་བཛྲ་བཧེ་རེ་ཝ་ཡ། གཏུམ་དྲག་ཁྲོ་བོའི་གར་མཛད་རུས་ཆེན་འཕྲེང་བ་སྐར་ལྟར་མཛེས། །ཕཻཾ་ཀ་ར་དང་དྲག་པོའི་ང་རོས་ས་ གསུམ་བདུད་ཚོགས་འཇོམས། །སྤྲོས་བྲལ་ཆོས་དབྱིངས་བདེ་ཆེན་ཐུགས་ཀྱིས་འགྲོ་ལ་རྟག་བརྩེ་ཡང། །འཇིགས་པ་དག་ཀྱང་འཇིགས་མཛད་ཁྲོ་རྒྱལ་དུས་དགྲའི་ དབང་པོར་འདུད། །སྒོ་གསུམ་ཉེས་སྤྱོད་ཀུན་བྲལ་སྐུ་བཞི་ཡི། །ས་བོན་ལེགས་བཞག་བསྐྱེད་རྫོགས་ཟབ་མོའི་ལམ། །སྒོམ་པའི་སྣོད་དུ་གྱུར་བ་སྒྲུབ་པའི་ ཐབས། །བདག་འཇུག་རིམ་པ་ནག་འགྲོས་ཚུལ་དུ་དགོད། །དེ་ལ་འདིར་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བླང་པའི་རིམ་པ་ནག་པོ་འགྲོས་ [002A] །ཤེས་སུ་དགོད་པ་ལ། དཀྱིལ་འཁོར་སྒྲུབ་པ། མཆོད་བསྟོད་སོགས་བྱ་བ། དཀྱིལ་འཁོར་དུ་ཞུགས་ནས་དབང་བླང་བ། མཇུག་གི་ཆོག་དང་ བཅས་པ་ལས། རས་བྲིས་ཀྱི་དཀྱིལ་འཁོར་བདག་མདུན་ཐ་མི་དད་དུ་འཇུག་པ་གཅིག་པས་སྒྲུབ་པ་ལ། རང་གི་མདུན་ངོས་སུ་སྟེགས་ཇི་ལྟར་འཚམས་པར་རྟེན་ཁེབས་སོགས་ཀྱིས་ལེགས་པར་ གཡོགས་པའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་ལེབ་མོར་བཀྲམ་པའི་མཐར་གཙོ་བོའི་གཡས་ཕྱོགས་ནས་འགོ་བརྩམས་ཏེ་གཡས་བསྐོར་དུ་དྲི་ཆབ་སྔོན་དུ་འགྲོ་བའི་མཆོད་པ་ལེགས་པར་བཤམས་ མདུན་ངོས་སུ་དཀྱིལ་འཁོར་པ་དང། ཕྱོགས་སྐྱོང་དང། ཆོས་སྐྱོང་གཞི་བདག་སྔོན་འགྲོའི་གཏོར་མ་རྣམས་བཤམས། བདག་བསྐྱེད་ཀྱི་མཆོད་པ་ལོགས་སུ་མི་དགོས། སྐྱབས་ [002B] མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རྣམས་མཐོ་བརྩེགས་སུ་གསལ་བཏབ་ནས་བླ་བརྒྱུད། ཁྱབ་བདག་འཇམ་པའི་རྡོ་རྗེ་ཐོབ་གྱུར་ཅིག་རང་ཉིད་སྐད་ཅིག་གིས་ནང་མཆོད་ ཕྱོགས་སྐྱོང་མཆོད་པ་བྱིན་རླབས། སྔོན་འགྲོའི་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་རླབས་ནས། རང་གི་ཐུགས་ཀའི་གཤེགས་པར་གྱུར། རྡོར་སེམས་བསྒོམ་བཟླས་བྱེད་ན་སྒྲུབ་ཐབས་ལྟར་བྱ། རང་ཉིད་འཇིགས་བྱེད་བཏང་སྙོམས་ལ་གནས་ པར་བྱའོ། །འཇུག་པ་བདེ་བའི་ཕྱིར་བུམ་སྒྲུབ་ཀྱང་མཚམས་འདིར་བྱེད་པས། ལྷ་བུམ་ལས་བུམ་གཉིས་རང་རང་གི་མཚན་མ་ཆོས་འབྱུང་གི་དབུས་སུ་ས་བོན་རྣམས། གྲི་གུག་གམ། རྡོ་རྗེ་གང་རུང་བྲིས་བརྐོས་བྱས་པ་བཏགས། མགུལ་ཚིངས་བྲོག་གསུམ་པ། ཁ་ རྒྱན་འབྲས་བུ་ཅན་གྱི་ཤིང་ངམ་ཀུ་ཤ་གང་རིགས། ཆུ་གཙང་སུམ་གཉིས་བཀང་བ་དྲི་བཟང། བླ་མེད་བུམ་རྫས་ཉེར་ལྔ་སོགས་གཞུག་བུམ་པ་གཉིས་ཀྱི་མཚན་མ་ཡོད་ངོས་དེ་རང་ལ་བསྟན། རྣམ་བུམ་གཡས་དང། ལས་བུམ་གཡོན་ཅེས་ཁ་ཚུར་བལྟ་བའི་དབང་དུ་བྱེད་ དགོས། འོག་ཏུ་ཀུ་ཤའི་གདན་དང། འབྲུ་དཀར་གྱི་སྟེང་དུ་བུམ་པ་བཞག་རྣམ་བུམ་ཁར་དུང་ཆོས་གཟུངས་རྡོར་དང་བཅས། མདུན་དུ་འབུལ་ཡུལ་གྱི་གཡས་ནས་འོག་བརྩམས་པའི་མཆོད་པ་ལེགས་པར་བཤམས། ཧྲཱི་ཥྚྲཱི་ས་བསངས། ཤླུ་ནྱ་ཏཱས་སྦྱངས་ སྟོང་པའི་ངང་ལས་བཾ་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པོ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏ་པྟེ་ཏ་པྟེ་མཧཱ་ཏ་པྟེ་སཱ་ཧཱ། ལྷའི་ཆུ་བོ་ [003A]༄༅། །གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། རྣམ་རྒྱལ་བུམ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གདན་དང་བཅས་པའི་རྣམ་པ་ཅན་དུ་གྱུར་པའི་དབུས་སུ་ཧཱུཾ་ལས་ རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ །ཅེས་པ་ནས། ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ། ཞེས་པའི་བར་སྒྲུབ་ཐབས་བཞིན།། རྣམ་རྒྱལ་བུམ་པའི་མཚན་མའི་གནས་སུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་བ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཚན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ ཐོད་པ་འཛིན་པར་གྱུར། ལས་བུམ་གྱི་ནང་དང་མཚན་མའི་གནས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ། གདན་དེ་གཉིས་ཀྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་གཉིས་ཡོངས་སུ་གྱུར་པ་ལས། དཔལ་ རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པར་གྱུར། དེ་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵིཾ། ཞེས་པ་ནས། ཐུགས་ཀར་ཧཱུཾ་གིས་མཚན་པ། ཨོཾ་ཧྲཱི་ཧ་བཧོ་ཞེས་ པ་ནས། ཀུ་རུ་སཱཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཨོཾ་ཧྲཱི་ཥྚྲཱི་ཝི་ཀྲི་སོགས་དང། ཨོཾ་ཧྲཱི་ཥྚྲཱི་ཧཿ་ཞེས་པ་ [003B] ཨོཾ་མུ་ངྒ་ར་ཛཿ་སོགས། སླར་ཡང་ཞེས་པ་ནས། གཙོ་བོའི་རྩ་ཞལ་གྱི་དབུ་ལ་མི་བསྐྱོད་བ་དང་ལས་བུམ་གྱི་ལྷ་དང་མཚན་མའི་ལྷ་གཉིས་ལའང་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་ པར་བསམས། བུམ་པའི་མཆོད་པ་བྱིན་གྱིས་ བརླབས་ནས། ཨོཾ་ཡ་མཱ་ནྟ་ཀ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཡ་མཱནྟ་ཀ་ཨོཾ་ཨཱ་ཧཱུཾ་ གིས་ནང་མཆོད་ཕུལ། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཞེས་པ་ནས། འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་ འཚལ་བསྟོད། །ཅེས་པའི་བར་གྱིས་བསྟོད། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཧཱུཾ། ལན་བདུན་བཟླས་ནས་གཡས་བས་གཟུངས་ཐག་གཡོན་བས་ཕྲེང་བ་བཟུང་ནས་བཟླས་པ་བྱེད། དམ་པ་འགའི་ཕྱག་ལེན་ལ་སྤོས་སྐོར་བྱེད་པའང་ཡོད། དུང་ཆོས་ཀྱི་ཆུ་ཡེ་ ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། བདུད་རྩིའི་རྒྱུན་བབས་པས་ བུམ་པ་གང་བར་གྱུར་ པར་བསམས་ནས། རྣམ་བུམ་ལ་གཙོ་བོའི་སྔགས་གསུམ་དང་ལས་བུམ་ལ། ཧྲཱི་ཥྚྲཱི་ བརྒྱ་རྩ། བུམ་པ་གཉིས་ཀྱི་ཚུལ། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ། བརྒྱ་རྩ་བཟླ། ལས་བུམ་ལ་བཟླས་པ་བྱེད་སྐབས་གཟུངས་རྡོར་ལས་བུམ་སྟེང་བཞག་ ཐུན་མོང་གི་བཟླས་པ་བྱེད་སྐབས་གཟུངས་རྡོར་ལྷ་བུམ་སྟེང་བཞག་ནས་བཟླས་པ་བྱེད། ཡིག་བརྒྱ་ལན་གསུམ་བརྗོད། ཡིག་བརྒྱ་དང་པོ་ལྷ་བུམ། གཉིས་པ་ལས་བུམ། གསུམ་པ་ལྷ་བུམ་སྟེང་རེག་ཙམ་བྱས་ནས་གཟུངས་ཐུག་བསྡུ། པད་བསྐོར་སྔོན་དུ་འགྲོ་བའི་ཕྱག་ [004A]༄༅། །རྒྱས་དུང་ཆུ་ ཧྲཱི་ཥྚྲཱི་དང་ཧཱུཾ་ ལན་བདུན་དང་བཅས་མཆོད་ཡོན་ལྷ་བུམ་དང་ལྷག་མ་ལས་བུམ་དུ་བླུག་ལས་སྔགས་ཀྱིས་མེ་ཏོག་དཀར་པོ་བུམ་པ་གཉིས་ལ་གསུམ་གསུམ་འཐོར་ལ་གཞུག་ ཨོཾ་ཡ་ མཱ་ནྟ་ཀ་ག་དཧེ་ནས་ཤཔྟ་པྲ་ཏི་ཙྪ་ཧཱུཾ་སཱ་ཧཱ། ཞེས་པའི་བར་གྱིས་མཆོད། ཀུ་ཤའི་འཐོར་གཡབ་ཀྱིས་ལས་སྔགས་བརྗོད་དེ་བསངས། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་རྣམས་མ་རྫོགས་པ་དེ་སྲིད་དུ་བགེགས་རྣམ་པར་བཟློག་པའི་འཕྲིན་ ལས་མཛོད་ཅིག་ །ཅེས་འཕྲིན་ལས་བཅོལ། ཁ་རྒྱན་གཉིས་བསྣོལ་མར་བཟུང་སྟེ། བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། གཞལ་ཡས་ཁང་བུམ་པ་ ལ་ཐིམ་ཞིང། མཚན་མའི་ལྷ་གཉིས་ཀྱང་ཞུ་ནས་ཕྱག་མཚན་གྱི་རྣམ་པར་གྱུར། པར་བསམས་ལ། སོ་སོའི་ཁ་རྒྱན་བུམ་པ་སོ་སོར་བཅུག་ལས་བུམ་གྱི་ཆུས་རང་དང་དཀྱིལ་འཁོར་ལ་བསང་ཞིང་ལས་སྔགས་བརྗོད། རང་ཉིད་བྲིས་པའི་དཀྱིལ་ འཁོར་གྱི་དབུས་སུ་ཞུགས་ནས་ལྷའི་མཚན་མ་དང་དབྱེར་མེད་དུ་གྱུར་བར་མོས་ཏེ། ཨོཾ་སྭ་བྷ་ཝ་ནས་ཧཾ། རང་དང་དཀྱིལ་འཁོར་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་ ཞེས་པ་ནས། མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དེའི་མིག་ཏུ་ས་སྙིང་གི་རང་བཞིན་ཀྵིཾ་དཀར་པོ། ནས་ཧཱུཾ་སྔོན་པོས་མཚན་པར་གྱུར་བར་བསམ་ལ། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ [004B] ཞེས་པ་ནས་ ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་པར་གྱུར། སྤོས་རིང་དང་བཅས། ཛཿ་འཇམ་དཔལ་ མའི་སྤྱན་འདྲེན། ཨོཾ་ཧྲཱི་ཧ་བཧོ་ ནས། རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པས་དབུ་བརྒྱན་ཅིང། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་ པར་གྱུར། རང་ཉིད་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཕྱེ་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་ཀྱི་ཕྱི་རོལ་ཏུ་མཆོད་པའི་ལས་ལ་གནས་པར་གྱུར། གོང་དུ་མཆོད་པ་བྱིན་རླབས་མ་བྱས་ན་འདིར་བྱིན་རླབས་བྱས་ལ། རྒྱལ་ བ་རྣམས་ནི་གཙང་གྱུར་ཅིང། །ཞེས་པ་ནས། ཨོཾ་ཡ་མཱ་ནྟ་ཀ་ཨ་རྒྷཾ་སོགས་ ཆུ་བཞི་དང། རྒྱལ་བ་རྣམས་ནི་ཡོན་ཏན་མཆོག་གི་སྐུ། །སོགས་དྲི་ཆབ་སྔོན་དུ་འགྲོ་བའི་ཉེར་སྤྱོད། རིན་ཆེན་དབང་རྒྱལ་མས་འདོད་ཡོན། འཛམ་བུ་གླིང་གཞན་མས་ རྒྱལ་སྲིད་སྣ་བདུན་རྣམས་འབུལ། ཨོཾ་མཆོད་དོ་ནས་ཚིམ་པར་གྱུར། རང་ཉིད་དཀྱིལ་འཁོར་གྱི་ནང་དུ་ཞུགས་གཙོ་བོ་དང་ཐ་མི་དད་པར་གྱུར། བར་བསམ། ཛཿ་འཇམ་དཔལ་མཁའ་ལས་བྱུང་བའི་གསེར་མདོག་ཅན། །ཞེས་སོགས་ཀྱིས་ ཀྱིས་བསྟོད། དག་པ་བརྗོད་པ། བཟླས་པ་ཞི་དྲག་གི་མན་ངག་གི་གནད་དང་ལྡན་པར་བཟླ་ཞིང། མཇུག་གི་མཆོད་བསྟོད་ཀྱི་བར་འདྲ། གཏོར་མ་འབུལ་སྐབས་རང་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གནས་པའི་ངང་ནས་ནང་མཆོད་དང་ཕྱི་མཆོད་རྣམས་རིམ་པ་ལྟར་རམ་ཕྱོགས་གཅིག་ཏུ་བྱིན་གྱིས་ རླབས་ལ། མདུན་དུ་སྐད་ཅིག་གིས་ སོགས་ཡོངས་གྲགས་ལྟར་འབུལ། ལས་ག་ཤིན་ལའང་ཡོངས་གྲགས་ལྟར་འབུལ། ཕྱི་མཆོད། ནང་མཆོད། བསྟོད་པ་འཆི་བདག་མས་འཕྲིན་བཅོལ། མ་རྙེད་ཡོངས་སུ་ ཞེས་སོགས་བཟོད་གསོལ། ཡིག་བརྒྱ། བསྡུ་ན་ [005A]༄༅། །ཨོཾ་ཨཱ་ཧཱུཾ་མུཿ་འཇིག་རྟེན་ལས་པའི་ཞེས་སོགས་གཤེགས་གསོལ། རྣམ་དག་བསམ་པའི། ཞེས་སོགས་སྨོན་ལམ་གདབ་བོ། །དེ་ནས། རང་ཉིད་སྐད་ཅིག་གིས་ཧཱུཾ་ མཛད་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆིང་ཞིང་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཐོགས་པ་མེད་པར་ཞུགས་པར་ གྱུར་བར་བསམས་ལ། ཞལ་བཞི་པའི་སྔགས། ཨོཾ་སུ་མྦྷ་ནི་ ཞེས་སོགས་ལན་གསུམ་རྡོ་རྗེ་གསོང་ཞིང་དྲི་ལ་བུ་བསིལ་ནས་རྡོ་རྗེ་རྐང་སྟབས་ཀྱིས་ལྷ་སྣམ་གྱི་སྟེང་ནས་བསྐོར་བ་བྱས་པར་བསྒོམ་ལ་དངོས་སུ་སྟབས་བདེན་བསྐོར་པ་ལན་གསུམ་བྱས་པའི་མཐར་ འཁོར་ལོ་ལ་བལྟས་ཏེ། ལག་གཉིས་སྙིམ་པ་མེ་ཏོག་དང་བཅས། ཨོཾ་མཆོག་ཏུ་བདེ་བའི་སེམས་ནི་རོལ་བར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འཁྲིལ། །ཛཿ་ཧཱུཾ་བཾ་ཧོཿ་ཧི་ཧི་ཧི་ཧཱི་ཧཱི་མགོན་པོ་སྙིམ་པའི་ མེ་ཏོག་བཞེས་སུ་གསོལ། །ཞེས་གཙོ་བོ་ལ་མེ་ཏོག་གི་འཕྲེང་བ་ཕུལ་ལ། ལྷག་ཆད་ཀྱི་ཉེས་པ་དག་པར་བྱ་ལ། ཁྲོ་བོའི་བལྟ་བས་དཀྱིལ་འཁོར་ལ་གཡས་བསྐོར་བྱས་ནས་ནུབ་ཏུ་སོང་སྟེ། རྐང་པ་གཡོན་བརྐྱངས་དང་ལག་པ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ བྱས་ལ། ཨོཾ་བཛྲ་ཨུད་གྷཱ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་བརྗོད་ཅིང། ཕྱག་རྒྱ་དེ་དཀྲོལ་ནས་ཤར་སྒོ་ནང་ནས་ཕྱེ་བར་བསམ། དེ་བཞིན་དུ་བྱང་ནས་ལྷོ་སྒོ་དང། ཤར་ནས་ནུབ་སྒོ་དང། ལྷོ་ནས་བྱང་སྒོ་ཕྱེ་བར་བསམ་ལ། ཨོཾ་ས་མ་ཡ་པྲ་བེ་ཤཱ་ཡ་ [005B] ཞེས་ བརྗོད་ཅིང་མེ་ཏོག་གི་ཕྲེང་བ་ཕུལ་བ་སླར་ཡང་གར་བྱེད་ཅིང་བླངས་ལ་རང་གི་མགོ་བོ་ལ་བཅིངས་ཏེ། ཨོཾ་པྲ་ན་མ་མི་སརྦ་ཏ་ཐཱ་ག་ཏ་ན། ཅེས་དཀྱིལ་འཁོར་ལ་ཕྱག་བྱས་ནས། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་ བཀའ་དྲིན་སྩོལ་ཞིག་ །ཅེས་གསོལ་བ་གདབ་པོ། །དབང་ལྷ་སོགས་ལ་འབུལ་རྒྱུའི་མཆོད་པ་བྱིན་རླབས་བྱས་ན་འབྲེལ་ཆགས་མོད་དེང་དུས་བྱེད་མཁན་ཉུང་བསམ་བྱས་ཀྱང་རུང། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་བལྟས་བས་མཎྜལ་ཕུལ་ བླ་མ་དང་གཙོ་བོ་ཐ་མི་དད་པ་ལས་རང་འདྲ་གཉིས་བཞལ་གཅིག་ཕྱག་གཉིས་པ་ཞིག་ཤར་སྒོར་བྱོན་ནས་བླ་མའི་བྱ་བ་རྣམས་མཛད་ཅིང། རང་ཉིད་ཀྱིས་སློབ་མའི་བྱ་བ་རྣམས་བྱེད་པར་མོས་ཏེ། རང་ཉིད་དཀྱིལ་འཁོར་དུ་འཇུག་པའི་དོན་དུ། ལག་གཉིས་རྡོ་རྗེ་ཐལ་མོ་ སྦྱར་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་ཞེས་པའི་ཚིག་རྐང་གཅིག་པོ། རྒྱལ་མཆོག་བདུན་པའི་དཀྱིལ་ཆོག་པར་མ་རྒྱ་དབུས་བཅས་སུ་མི་སྣང་མོད། མཁས་གྲུབ་གཞན་རྣམས་ཀྱི་དཀྱིལ་ཆོག་རྣམས་སུ་འབྱུང་བས་ན་ བཏོན་ན་མི་འགལ་སྙམ། བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། ། སྐྱབས་གསུམ་བདག་ལ་སྩལ་དུ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་རྗེས་སུ་བཟློས་པའི་མོས་པ་དང་བཅས་གསོལ་འདེབས་བྱེད། རང་ཉིད་དཔལ་རྡོ་རྗེ་ [006A]༄༅། །འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གྱུར་པར་བསམ། ཨཱ་ཁཾ་བའི་ར་ཧཱུཾ། ཞེས་པའི་སྔགས་ཀྱིས་དཀྱིལ་འཁོར་གྱི་གཙོ་བོ་ལ་འབུལ་རྒྱུའི་མེ་ཏོག་ཁ་དོག་སྣ་ལྔ་བའི་འཕྲེང་བ་རེ་ གཏད་བྱུང་སྙམ་དུ་འཛིན། རེ་ཞིག་དཀྱིལ་འཁོར་མི་མཐོང་བའི་དོན་དུ། ཨོཾ་ཙ་ཀྵུ་བྷནྡྷ་ཝ་ར་མ་ན་ཡ་ཧཱུཾ། གིས་མིག་དར་བཅིངས། དེ་ནས་དཀྱིལ་འཁོར་དུ་འཇུག་ཅིང་བྱིན་གྱིས་རླབས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཕྱིར་བསྐྲད་པའི་མོས་པས་ ལས་སྔགས་ཀྱི་ཆུས་པ་སངས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང། །སངས་རྒྱས་ ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་བསྐྱེད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ ཅེས་པའི་བར་ལན་གསུམ་གྱིས་བྱང་སྡོམ་བཟུང། འཁོར་ལོ་ཕྱིར་མི་ལྡོག་ པའི་དབང། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི། །དེ་ཉིད་སློབ་དཔོན་འཕྲིན་ལས་དང། །སངས་རྒྱས་ཀུན་གྱི་དམ་ཚིག་དང། །སྡོམ་པ་གསང་མཆོག་རྟག་ཏུ་ནི། །སེམས་ཅན་ [006B] །སློབ་དཔོན་བདག་འགྱུར་གསུང་དུ་གསོལ། ། ཞེས་པས་སྔགས་སྡོམ་གྱི་དོན་དུ་གསོལ་བ་གདབ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་ མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་དུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་ བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པར་བདག་གིས་བཟུང། །སངས་རྒྱས་ཆོས་དང་དགེ་ འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་བཟུང། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡིས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །ཡང་དག་ཉིད་ དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྤྱིན་པ་རྣམ་བཞི་རྟག་ཏུ་སྤྱིན། །བྱང་ཆུབ་ཆེན་པོ་ ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ལས་ཀྱི་རིག་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་ [007A]༄༅། །བཟུངས། །མཆོད་པའི་ལས་ནི་ཅི་ནུས་བགྱིས། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ གིས་སྡོམ་པ་མ་ལུས་བཟུང། །མ་བསྒྲལ་པ་རྣམས་བདག་གིས་བསྒྲལ། །མ་གྲོལ་པ་རྣམས་བདག་གིས་དགྲོལ། །དབུག་མ་ཕྱིན་པ་དབུག་དབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་འགོད། ། ཅེས་པའི་བར་ སྔགས་སྡོམ་ལན་གསུམ་བཟུང། སྡོམ་བཟུང་དང་གསོལ་འདེབས་གང་ཡོད་ཀྱི་མཐར་ཐལ་མོ་སྦྱོར་དགོས། དེ་ནས་བླ་མས། ཀྱཻ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་རིགས་དང་མོས་པ་དྲིས་པའི་ལན་དུ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། ། ཞེས་དང། ཡང། དེ་ཡིས་བུ་ལ་ཅི་ཞིག་བྱ། །ཞེས་དྲིས་པའི་ལན་དུ། སངས་རྒྱས་མཆོག་གི་དམ་ཚིག་བགྱི་འཚལ། །ཞེས་ལན་བཏང་པར་མོས། སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་ཐོབ་པར་བྱ་སྙམ་པའི་སྨོན་སེམས་དམིགས་རྣམ་ཕྱེད་པར་བསྐྱེད་ཅིང་ མཐའ་བྲལ་གྱི་གནས་ལུགས་ངོས་ཟིན་པའི་རིགས་ཡིན་ནོ། དེ་ལ་དམིགས་པའི་ལྟ་བ་ཡང་ལེགས་པར་དྲན་པར་བྱ་བ་དང་དེ་ལྟར་མིན་ནའང། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དོ་སྙམ་དུ་མོས་པ་ཚུན་ཆད་ཀྱིས་ཀྱང་བསམས་ནས། སེམས་ཅན་ཐམས་ ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་སེམས་ཀུན་རྫོབ་པ་དེ་ཉིད་སྙིང་གར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་གྱུར། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང། རང་གི་སེམས་ [007B] ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་ཏྤ་ཏ་ཡཱ་མི། ཞེས་བརྗོད། དེས་ནི་ལམ་གཞན་དུ་མི་ལྡོག་པར་རིགས་ངེས་པར་བྱེད་དོ། །བླ་མས་ རྡོ་རྗེ་མེ་ཏོག་དང་བཅས་བས་སྙིང་གར་རེག་ནས། ཨོཾ་སུར་ཏེ་ས་མ་ཡ་སྟྭཾ་ཧོཿ་སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ནས་གསང་བར་གདམས་པ་ནི། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་བརྗོད། གཉིས་པ་ལ་གསུམ། ནང་དུ་ཞུགས་ཤིང་ བསྐོར་ནས་ཕྱག་བྱ་བ། དམ་ལ་བཞག་པ། ཡེ་ཤེས་ཕབ་ནས་བདེན་སྟོབས་བརྗོད་པའོ། །དང་པོ་ནི། བླ་མས། ཨཱ་ཁཾ་བའི་ར་ཧཱུཾ། ཞེས་པས་དཀྱིལ་འཁོར་གྱི་ནང་དུ་བཅུག་པར་མོས་ཤིང། དངོས་སུ་ཡོལ་བ་བསལ་བའི་ནང་དུ་འཇུག་མཧཱ་ར་ཏ། སུ་དྲྀ་ཌྷ་ སུ་ཏོ་ཥོ། སུ་སུ་ཁོ། བཛྲ་སཏ་ཨཱ་དྱ་སིདྡྷྱ་མཾ། ཞེས་བརྗོད་ནས། བསྐོར་བ་ལན་གསུམ་བྱ། དེ་ནས་ཤར་སྐོར། རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་གྱུར་པར་བསམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པ་སྠཱ་ནཱ་ཡ་ཨཱ་ཏྨཱ་ནཾ་ནི་རྱཱ་ཏ་ཡཱ་མི་ སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨ་དཧི་ཏིཥྛ་སྭ་མཱཾ། ཞེས་བརྗོད་ཅིང། གཙོ་བོ་ལ་རྡོ་རྗེ་ཐལ་མོ་བརྐྱང་ནས་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་རྒྱ། བསྡུ་ན་སྔགས་དེ་ཙམ་གྱིས་ཆོག་ལ། རྒྱས་པར་བྱེད་ན་སྔགས་དོན་བོད་སྐད་དུ་བསྒྱུར་བ་ཡང་བརྗོད་རུང་བས་ [008A]༄༅། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་པའི་ཕྱིར་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔས་བདག་ལ་བྱིན་ གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བའི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པར་གྱུར། པར་བསམ། སླར་ཡང་ཤར་སྒོ་ནས། ཨོཾ་གུ་རུ་ཙ་ར་ཎཱ་ ཡ༑ པཱུ་ཛ་ཨུ་པ་སྠཱ་ནཱ་ཡ། ཨཱ་ཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་ས་ཏྭ་བ་རི་དྲ་ཎཱ་ཡ། ཨཱ་ཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི། ཞེས་པས་བླ་མ་ལ་ཕྱག་བྱ། གཉིས་པ་ནི། བླ་མས་མགོ་བོར་རྡོ་རྗེ་བཞག་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་རིགས་སུ་ཞུགས་ཀྱི། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད་དེ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པར་མོས། འདིའི་ཚེ་ཝ་བ་པ་དང་མི་ཐུབ་ཟླ་བས། སློབ་ མའི་ལག་པ་ནས་བཟུང་སྟེ་བྱེད་པར་གསུངས། དེ་ནས་སྤྱི་བོར་རྡོ་རྗེ་བཞག་ནས། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་བོ་འགེམས་བར་འགྱུར་རོ། །ཞེས་དང། རྡོ་རྗེ་སྙིང་གར་ [008B] ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ། ཞེས་བརྗོད་དེ་དེ་གཉིས་ནི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པའོ། ། དེ་གསུམ་ནི་རྩ་ལྟུང་བདུན་པ་ལ་ཁྱད་པར་དུ་དམ་བཞག་མཛད་པའོ། །དེ་ནས་ཙན་དན་དང་ག་བུར་བསྲེས་པའི་ཆུ་ལ། ཨོཾ་བཛྲ་ཨུ་ད་ཀ་ཋ། ཞེས་པའི་སྔགས་ལན་བདུན་བཟླས་ཏེ་ཁར་བླུག་ཅིང། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག་ ཅེས་བརྗོད་དེ་དམ་ཚིག་རྣམས་སྤྱིར་བསྲུངས་མ་བསྲུངས་ཀྱི་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པའོ། ། དེ་ནས་ལག་པ་ནས་བཟུང་སྟེ། དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི་སངས་འདི་བྱོས་ཤིག་ཅེས་བྱ་བ་འདི་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙེས་པར་ཡང་མ་བྱེད་ཅིག་བྱས་ན་ཁྱོད་ཡ་ང་བ་མ་སྤངས་བར་འཆི་བའི་ དུས་བྱས་ན་སང་མྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་བརྗོད་ནས། སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པར་བསམས་ཏེ། འདི་ནི་རྩ་ལྟུང་དང་པོ་ལ་ཁྱད་པར་དུ་དམ་ལ་བཞག་པའོ། །གསུམ་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་ པ་ལ༑ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཧྲཱི་ཥྚྲཱི་ ས་བསངས། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་པའི་ངང་ [009A]༄༅། །ལས་རང་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་གཡོན་ བརྐྱང་གི་སྟབས་ཀྱིས་བཞུགས་པར་གྱུར་པའི་སྤྱི་བོར་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ་ཧཿ་སྙིང་གར་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་གྲུབ་བཞི་བ་སེར་པོ་ཟུར་དུ་རྡོ་རྗེ་རྩེ་གསུམ་བས་ མཚན་པ་ལ་ཧཱུཾ། ལྟེ་བར་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་ཟུར་གསུམ་པ་དམར་པོ་རྣོ་ཞིང་འབར་པ་ལ་ཨཱ་རྐང་བའི་འོག་ཏུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཡོ་བ་གཞུའི་དབྱིབས་ཅན་ཐ་མར་བ་དན་ གྱིས་མཚན་པ་ལ་ཛྷཻ་དྲག་ཅིང་བཟོད་པར་དཀའ་བའི་གཟུགས་ཅན་རླུང་གིས་བསྐྱོད་པས་ལྟེ་བའི་མེའི་གནས་སུ་ཕྱིན་པ། སླར་ཡང་རླུང་གིས་བསྐྱོད་པས་སྙིང་གའི་ས་འབར་བར་གྱུར་ཏེ། སྤྱི་བོའི་ཆུ་ལས་བདུད་ རྩིའི་ཚོགས་འབབ་པས་ཚིམ་པར་གྱུར་པར་བསམས་ནས། ཨོཾ་ཧྲཱི་ཥྚཱི་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ། ཙཱ་ལ་ཡ། ཧཱུཾ་ཧཿ་ཨཱ་ཛྷཻ་ཧཱུཾ་ཕཊ། ཅེས་ལན་མང་དུ་བརྗོད་པས་ ཡེ་ཤེས་དབབ། དེའི་ཚེ་སློབ་མ་རླུང་གིས་འདེགས་པའི་དམིགས་པ་དང་བླ་མ་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་བརྟན་པོས་གཡས་རྡོ་རྗེ་གསོང་ཞིང། གཡོན་དྲིལ་བུ་དཀྲོལ་པ་དང། བདུག་རྫས་ཀྱིས་ལེགས་པར་བདུགས། སློབ་མའི་ལུས་ཀྱི་ནང་གི་མེའི་འོད་ཟེར་ [009B] །དེ་ལྟར་ཡེ་ཤེས་པ་ཕབ་པའི་ཚེ་ གསུང་བབས་ན་དགེ་བ་དང་མི་དགེ་བ་ལུང་དུ་སྟོན་པ་དང། ཐུགས་བབས་ན་འཇིག་རྟེན་གསུམ་དུ་གཏོགས་པ་ཤེས། སྐུ་བབས་ན་ནམ་མཁར་ལ་འཕར་ཕ་སོགས་ཀྱི་ཕེབས་རྟགས་ཆེ་ཆུང་སྣ་ཚོགས་པ་ཞིག་འབྱུང་པར་གསུངས་ལ། ཧ་ཅང་འཕར་ཆེན་ དེའི་མགོའི་སྟེང་དུ་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་མནན་པར་བསྒོམས་ན་འགུལ་པར་མི་འགྱུར་རོ། །དེ་ནས་མགོ་བོར་རྡོ་རྗེ་བཞག་ལ། ཊི་ཥྛ་བཛྲ། ཞེས་བརྗོད་ནས་བྱིན་རླབས་བརྟན་པར་བྱ། བདག་འཇུག་ལ། སྤྱན་གྱི་མཐོང་ སྣང་དང་གར་གྱི་བསྐོར་བ་མི་དགོས། དེ་ནས་བླ་མས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་འགྲེངས་ནས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་བཅུག་པ་འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ ཇི་ལྟ་དེ་ལྟར་ཤོག་འདི་ཡི་དངོས་གྲུབ་ཇི་ལྟར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་ལྟ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག་ཅེས་ལན་གསུམ་བརྗོད་ནས་བདེན་པའི་བྱིན་རླབས་ བྱའོ། །གཉིས་པ་ནི། སྔར་བྱིན་བའི་མེ་ཏོག་གི་ཕྲེང་བ། བླ་མས་ཏྲཾ་ཞེས་བསྔགས་པ་ལས་མེ་ཏོག་གཅིག་པ་ཏོན་ཏ་རིན་པོ་ཆེའི་ཕྲེང་བར་མོས་པ་ཐལ་མོ་སྦྱར་བའི་བར་དུ་སྦྱིན་པར་བསམས་ནས། རང་ཉིད་དཀྱིལ་འཁོར་གྱི་ནང་དུ་ཞུགས། གཙོ་བོའ་ [012A]༄༅། །དངོས་སུ་དབང་བསྐུར་པའི་བྱ་བ་མི་མཛད་ཅིང། དབང་རེ་རེ་བཞིན་དངོས་སུ་དབང་བསྐུར་བའི་དབང་ལྷ་གསར་བ་སྤྱན་འདྲེན་དགོས་པས་ན། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་ གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་རང་ལ་དབང་བསྐུར་བའི་ཕྱིར་དུ་བསྐུལ་ཏེ་སྤྱན་དྲངས་པ་རྣམས་ནམ་མཁར་བཞུགས། བསྒྲུབས་པའི་དཀྱིལ་འཁོར་པ་རྣམས་ཀྱིས་དབང་བསྐུར་པའི་དགོངས་པ་མཛད། སྤྱན་མ་ ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་རང་གི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་ འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་ པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར་པར་བསམ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་ སེམས་ཅན་བསྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བའི་ཟིལ་གནོན་སྐྱེ་བོ་ཡོངས་སུ་སྤྱོད་བྱེད་ཅིང། །མི་བསྐྱོད་ [012B] །བཀྲ་ཤིས་བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་པའི་སྡུག་བསྔལ་རྟག་འཕྲོག་ཅིང། །རྨོངས་པས་ཟིལ་ མནོན་འགྲོ་བ་ཡོངས་སུ་སྤྱོད་མཛད་པ། །བཀྲ་ཤིས་བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་གྲོལ་པར་ཡོངས་སུ་རབ་བརྩོན་ཞིང། །ཁེངས་པའི་ཟིལ་མནན་འགྲོ་བ་ ཡོངས་སུ་སྤྱོང་མཛད་པ། །བཀྲ་ཤིས་བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲ་བ་འཇོམས་པ་པོ། །ཆགས་པའི་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་ པ༑ ༑བཀྲ་ཤིས་བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤོང། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་ཞེས་ བརྗོད་ཅིང། དེ་ནས་སློབ་དཔོན་གྱིས། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱ་བཛྲ་ཨུ་ད་ ཀ་ཨ་བཧི་ཥི་ཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་བརྗོད་ནས། རྡོ་རྗེ་དང་བཅས་རྣམ་བུམ་གྱི་ཁ་རྒྱན་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་དེས་ཆུས་བླངས་ཏེ་རྡོ་རྗེའི་རྩེ་མོས་རང་གི་སྤྱི་བོར་བླུག་པའམ་འཐོར་བ་ལག་པར་བླུག་སྟེ་མྱང་བ། དེ་བཞིན་ [*MISSING PAGE-13 A,B*] [014A]༄༅། །གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་རང་ལ་དབང་བསྐུར་བའི་ཕྱིར་དུ་བསྐུལ་ཏེ་སྤྱན་དྲངས་པ་རྣམས་ནམ་མཁར་བཞུགས་ བསྒྲུབས་པའི་དཀྱིལ་འཁོར་བ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་རང་ གི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་ རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་གྲོལ་བར་ཡོངས་སུ་རབ་བརྩོན་ཞིང། །ཁེངས་པའི་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞེས་ཤིས་པ་བརྗོད་ དེ་ནས༑ དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲ་ར་ཏྣ་ཀཱུ་ལ་མུ་ཀུ་ཊ་ཨ་བཧི་ཥི་ཉྩ་མི། ཞེས་ [014B] དབུ་བརྒྱན་དར་དབྱངས་དང་བཅས་པ་མགོ་བོར་བཅིངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་བདག་པོའི་ཅོད་པན་ལ་བཞུགས་པར་བསམས། དེ་ལྟར་ཅོད་པན་གྱི་དབང་བསྐུར་པ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ལ་སོགས་ཀྱི་ མོས་པ་བྱ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱ་སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཥི་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ ཧཱུཾ་སཱཧཱ། ཞེས་པས་མཐའ་རྟེན་གྱི་ཆུ་དབང་བསྐུར། དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར། ལུས་ཐམས་ཅད་གང། བདེ་བ་ཆེན་པོ་མྱོང། དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ཡོངས་སུ་གྱུར་པ་ ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་རང་གི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ ཏ་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱ་ཧཱ། དེ་ལྟར་རིན་ཆེན་འབྱུང་ལྡན་ཅོད་པན་གྱིས་དབང་ཐོབ། ང་རྒྱལ་དང་སེར་སྣའི་དྲི་མ་སྦྱངས། ཚོར་བའི་ཕུང་པོ་གནས་བསྒྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་ འབྱུང་ལྡན་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་དག་པ་བརྗོད་དོ། །གསུམ་པ་ནི། ཧྲཱི་ཥྚྲཱི་ ས་བསང། སྭ་བྷཱ་ཝས་སྟོང་བར་སྦྱངས། བདག་དང་དབང་རྫས་རྡོ་རྗེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ [015A]༄༅། །ངང་ལས་ཧྲཱི་དང་པདྨ་ལས་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་པདྨ་དང་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་དམར་མོ་གྲི་གུག་དང་ཐོད་པ་ འཛིན་པ་ལ་འཁྱུད་པ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུག་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། གཉིས་སུ་མེད་པར་གྱུར་ བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཡབ་ཡུམ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། ནས་ ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱཧཱ་ རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ ཡུམ་སྙོམས་པར་ཞུགས། འདོད་ཆགས་ཆེན་པོའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་འོད་དཔག་མེད་དུ་བྱས་པ་ལ་དབང་བསྐུར། དབང་གི་ལྷ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། འོད་ དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། ནས་ཤཔྟའི་བར་གྱིས་མཆོད། འོད་དཔག་མེད་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར། བར་བསམ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ [015B] བསྒྲུབ་པའི་དཀྱིལ་འཁོར་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་ མཛད། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་རང་གི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང། མ་ཏོག་དང་ གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་བར་གྱུར། བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་བའི་དྲ་བ་འཇོམས་ པ་བོ༑ ༑ཆགས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞེས་བརྗོད། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། ། སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ [016A]༄༅། །བཟུང། །ཞེས་བརྗོད་དེ་རྡོ་རྗེ་སྙིང་ག་མགྲིན་པ། སྤྱི་བོ་གསུམ་ལ་རེག་ནས། ལག་པ་གཡས་སུ་གཏད་པར་མོས་རྗེས། ལྷའི་ང་རྒྱལ་དང་བཅས་སྙེམས་པའི་ཚུལ་གྱིས་རྡོ་རྗེ་བཟུང་ནས་གསོར་ དེ་ལྟར་དབང་བསྐུར་བ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་སྐྱེས་པ་སོགས་ཀྱི་མོས་པ་བྱེད། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་ བྱུང་བར་སྦྱིན་པར་བྱ། །ཨོཾ་ཨཱ་སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་སཱཧཱ། ཞེས་པས་མཐའ་རྟེན་གྱི་ཆུ་དབང་བསྐུར། དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར། ལུས་ཐམས་ཅད་གང། བདེ་བ་ཆེན་པོ་མྱོང་ དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ཡོངས་སུ་གྱུར་པ་ལས་འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་ སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་རང་གི་བ་སྦུའི་སྒོ་ནས་ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱཧཱ། དག་པ་ནི། དེ་ལྟར་འོད་དཔག་མེད་རྡོ་རྗེ་དབང་ཐོབ། །འདོད་ཆགས་ཀྱི་དྲི་མ་སྦྱངས་ འདུ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། ། ཞེས་བརྗོད། བཞི་པ་ནི། ཧྲཱི་ཥྚྲཱི་ས་བསང། སྭ་བྷཱ་ [016B] བདག་དང་དབང་རྫས་དྲིལ་བུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁཾ་དང་རལ་གྲི་ལས་དོན་གྲུབ་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཀྱིས་རལ་གྲི་དང་དྲིལ་བུ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་ ལྗང་གུ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། གཉིས་སུ་མེད་ པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཡབ་ཡུམ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། ནས་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱཧཱ། རྡོ་རྗེ་ ཅན་གྱི་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡུབ་ཡུམ་སྙོམས་ བར་ཞུགས། འདོད་ཆགས་ཆེན་པོའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་དོན་གྲུབ་ཏུ་བྱས་པ་ལ་དབང་བསྐུར། དབང་གི་ལྷ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། དོན་ཡོད་གྲུབ་པས་དབུ་བརྒྱན་པར་ གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། ནས་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱཧཱ། དོན་གྲུབ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར་བར་བསམ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་ [017A]༄༅། །འཁོར་བཅས་ཐམས་ཅད་རང་ལ་དབང་བསྐུར་པའི་ཕྱིར་དུ་བསྐུལ་ཏེ་སྤྱན་དྲངས་པ་རྣམས་ནམ་མཁར་བཞུགས། བསྒྲུབས་པའི་དཀྱིལ་འཁོར་བ་རྣམས་ཀྱིས་དབང་ བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་རང་གི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ ཅིང་རོལ་མོ་བརྡུང། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་ རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་ བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤངས། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞེས་བརྗོད། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་ གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་དཧི་བ་ཏི་ཏྭཾ་ཨ་བཧི་ཥི་ཉྩ་མི་ཏི་ཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་དེ་ལག་པ་གཡོན་དུ་དྲིལ་ [017B] ལག་པ་གཉིས་རྡོར་དྲིལ་དང་ལྡན་པས་འཁྱུད་པའི་ཚུལ་བྱེད། རིན་ཆེན་ཕྲེང་བའི་དངོས་ཟིན་ལྟར་ན་དྲིལ་བུ་བྱིན་པའི་འོག་ཏུ་འཁྱུད་པའི་ཚུལ་བྱས་ནས། སྔགས་དེ་བརྗོད་པར་གསུངས་སོ། །དེ་ལྟར་དྲིལ་བུའི་དབང་བསྐུར་བ་ལ་བརྟེན་ ནས་བདེ་སྟོང་གི་ཡེ་ཤེས་སོགས་ཀྱི་མོས་པ་བྱེད། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱ་སརྦ་ཏ་ ཐཱ་ག་ཏ་ཨ་བཧི་ཥི་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་སཱཧཱ། ཞེས་པས་མཐའ་རྟེན་གྱི་ཆུ་དབང་བསྐུར། དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར། ལུས་ཐམས་ཅད་གང། བདེ་བ་ཆེན་པོ་མྱོང། དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་སྤྱི་ གཙུག་ཏུ་འཁྱིལ་པ་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་རང་གི་བ་སྤུའི་སྒོ་ནས་ ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། ནས་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱཧཱ། དག་པ་ནི། དེ་ལྟར་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་བསྒྱུར། བྱ་བ་སྒྲུབ་པའི་ཡེ་ཤེས་ མངོན་དུ་བྱས། དོན་ཡོད་གྲུབ་པ་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་བརྗོད་དོ། །ལྔ་པ་ནི། ཧྲཱི་ཥྚྲཱི་ ས་བསངས་ སྭ་བྷཱ་ཝས་སྟོང་བར་སྦྱངས། རང་ཉིད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ [018A]༄༅། །ཨོཾ་དང་འཁོར་ལོ་ལས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ་འཛིན་པས་ཡུམ་སྤྱན་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འབྱུང་པ་ བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་ འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཡབ་ཡུམ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། ནས་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱཧཱ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ ཆེད་དུ་དབང། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་སྙོམས་པར་ཞུགས། འདོད་ཆགས་ཆེན་པོའི་མེས་ཞུ་ བའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་རྣམ་སྣང་དུ་བྱས་པ་ལ་དབང་བསྐུར་བར་གྱུར་བར་བསམ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་རང་ལ་དབང་བསྐུར་ བའི་ཕྱིར་དུ་བསྐུལ་ཏེ་སྤྱན་དྲངས་པ་རྣམས་ནམ་མཁར་བཞུགས། བསྒྲུབས་པའི་དཀྱིལ་འཁོར་བ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་རིགས་མ་དང་བཅས་པ་ནམ་མཁར་ [018B] གླུ་གར་མཛད་ཅིང་རོལ་མོ་བརྡུང། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་ བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་ སུ་འཁོད་ནས་བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང། །རྨོངས་པའི་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་ མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞེས་བརྗོད། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་ སྦྱིན་པར་བྱ། །རྡོར་དྲིལ་མཉམ་དུ་མགོ་བོར་བཟུང་ཞིང། ཨོཾ་བཛྲ་སཏ་སྟྭཾ་ཨ་བྷཱི་ཥི་ཉྩ་མི་བཛྲ་ནཱ་མ་ཨ་བཧི་ཥི་ཀཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་མིང་དབང་བསྐུར་པས་བདེ་སྟོང་གི་ཡེ་ཤེས་སྐྱེས་པ་ སོགས་ཀྱི་དམིགས་པ་བྱ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱ་སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཥི་ཀ་ཏ་ས་ [019A]༄༅། །མ་ཡ་ཤྲཱི་ཡེ་ཧཱུཾ་སཱཧཱ། ཞེས་པས་མཐའ་རྟེན་གྱི་ཆུ་དབང་བསྐུར། དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར། ལུས་ཐམས་ཅད་གང། བདེ་བ་ཆེན་པོ་མྱོང། དྲི་མ་ཐམས་ཅད་དག་ ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་ རང་གི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱ་ཧཱ། དག་པ་ནི། དེ་ལྟར་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་སྤྱངས། གཟུགས་ཀྱི་ཕུང་པོ་གནས་བསྒྱུར་ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་བརྗོད། གོང་གི་དབང་རྫས་སོ་སོའི་བྱེད་ལས་གནས་སོ་སོར་གཏུགས་པ་དང་ཕྱག་རྒྱ་བཅིང་བ་སོགས་ མ་ཆད་བ་གལ་ཆེ། འདི་དག་ལ་རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བ་དང། རིག་པ་ཡེ་ཤེས་ལྔའི་ས་བོན་ཁྱད་པར་ཅན་བསྐྲུན་པས་ན་རིག་པའི་དབང་ཞེས་བྱ་བ་དང། ཙ་རྩི་ཀཱ་ལ་སོགས་པ་ལྷ་མོ་རྣམས་ཀྱིས་ཅོད་པན་ནམ་མགོ་བོར་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བ་ དང་འབྲེལ་བས་ན་ལྔ་ཀ་ལ་ཅོད་བན་གྱི་དབང་ཞེས་དགྲ་ནག་སོགས་ལས་གསུངས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་གཉིས། དབང་དངོས་དང། དེའི་མཐའ་རྟེན་ནོ། །དང་པོ་ནི། མཎྜལ་ཕུལ་ཏེ། གང་གིས་བདག་ནི་ཁྱོད་ [019B] །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང། །སྙིང་བརྩེའི་གཏེར་ཀྱེ་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ། དེ་ནས་སློབ་མ་རང་ཉིད་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་རྡུལ་ཚོན་ གྱིས་པདྨ་དཀར་པོ་འདབ་མ་བརྒྱད་བྲིས་པའི་སྟེང་དུ་ཤིང་སྟན་ལ་དངོས་སུ་བཞག་པར་མོས། ཧྲཱི་ཥྚྲཱི་ས་བསང། སཱ་བྷཱ་ཝས་སྟོང་པར་སྦྱངས། རང་ཉིད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སེང་གེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་ བའི་གདན་ལ་རང་ཉིད་ཧཱུཾ་དང་རྡོ་རྗེ་ལས་རྡོ་རྗེ་འཆང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། བླ་མ་དང་གཙོ་བོ་ཐ་མི་ དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུ་ན་ བཞུགས་པའི་རྒྱལ་བ་ཡབ་ཡུམ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་སཱཧཱ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང། །ཡོན་ཏན་འབྱུང་གནས་ཇི་ ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་སྙོམས་པར་ཞུགས། འདོད་ཆགས་ཆེན་པོའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་རྡོ་རྗེ་འཆང་ [020A]༄༅། །དུ་བྱས་པ་ལ་དབང་བསྐུར་བར་གྱུར། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་དངོས་གཞི་བསྐུར་བ་ལ་དམ་ཚིག་གསུམ་སྦྱིན་པ་སྔོན་དུ་འགྲོ་དགོས་པས་རྡོ་རྗེ་ལས་སྔགས་ཀྱིས་བསང། སཱ་བྷཱ་ཝས་སྟོང་པར་ སྤྱངས། རྡོ་རྗེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེར་གྱུར་བར་བསམ། ཁམས་གསུམ་པ་ཡི་རལ་གྲི་ཆེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་མཆོག་ལྟ་བུ། །བདུད་ལས་ རྒྱལ་བར་ཆེར་སུང། །ཞེས་དང། སྟོང་པ་ཉིད་དང་དབྱེར་མི་ཕྱེད་པའི་ཡེ་ཤེས་རྒྱལ་བའི་ཐུགས་ཀྱི་ངོ་བོ་ནི་གསང་བའི་རྡོ་རྗེ་ཡིན་ལ། དེ་དྲན་པའི་དོན་དུ་རྡོ་རྗེ་འཛིན་པ་རྡོ་རྗེ་དེ་ཁོ་ན་ཉིད་ཀྱི་སྒོ་ནས་བཟུང་ཞིག་ ཅེས་བརྗོད་ནས་ ལག་གཡས་སུ་གཏད་པ་བདེ་སྟོང་གི་ཡེ་ཤེས་དྲན་པའི་སྒོ་ནས་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་རྡོ་རྗེ་གསོར་ནས་ཐུགས་ཀར་བཟུང། དྲིལ་བུ་ཡང། ཧྲཱི་ཥྚྲཱི་ས་བསང། སཱ་བྷཱ་ཝས་སྟོང་པར་སྦྱངས། དྲིལ་བུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ ཨཱ་ལས་བྱུང་བའི་དྲིལ་བུར་གྱུར། བར་བསམས་ནས། ཤེས་རབ་ཐབས་ཀྱི་རང་བཞིན་ཉིད། །རྡོ་རྗེ་དྲིལ་བུ་རབ་གྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པས་བཟུང། །ཁྱོད་ཀྱིས་སློབ་མ་བསྡུ་བར་གྱིས། །ཞེས་དང། ཆོས་ ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོགས་པར་སེམས་པའི་སྒོ་ནས་དྲིལ་བུ་འཛིན་པ་དྲིལ་བུ་དེ་ཁོ་ན་ཉིད་ཀྱི་སྒོ་ནས་བཟུང་ཞིག་ །ཅེས་བརྗོད་ནས་བྱིན་ལ། དྲིལ་བུས་རང་བཞིན་མེད་པའི་སྒྲ་སྒྲོགས་པར་སེམས་པ་སོགས་དེ་ [020B] སྲིད་པ་ངོ་བོ་ཉིད་ཀྱི་བདག་ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་དེ་དཀྲོལ། དེ་ནས། ཡིད་ཀྱི་ལུས་ནི་བརྟན་པ་ ཉིད། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །རང་རྡོ་རྗེ་འཆང་དུ་གསལ་བས་ཡེ་ཤེས་ཀྱི་ཕྱག་རྒྱ་འདུ་བྱས་ནས་འདོད་ཡོན་ལ་ལོངས་སྤྱོད་ བའི་ཚུལ་གྱིས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། ། ཞེས་གོ་བར་བྱས་ཏེ། ཕྱག་རྒྱའི་དམ་ཚིག་སྦྱིན། དེ་ནས། རྡོར་དྲིལ་གཉིས་སྔར་ཇི་ལྟར་བརྡ་སྤྲད་པ་བཞིན་གྱི་དེ་ཉིད་དྲན་བཞིན་པས་བཟུང་ནས་སྙིང་གར་འཁྱུད་པའི་ཚུལ་བྱས་ཏེ། རང་རྡོ་རྗེ་ འཆང་དུ་གསལ་པས་པང་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་གསལ་བ་དམིགས་པར་འཁྱུད་བ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་སྐྱེས་པར་མོས་པའམ། མ་མཐའ་འང་བདེ་བ་ཙམ་སྐྱེས་པའི་མོས་པ་བྱ་ལ། དེ་ཉིད་རྡོ་རྗེ་སློབ་དཔོན་གྱི་དབང་ དངོས་གཞིའོ། །དེ་ནས། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་རང་ལ་དབང་བསྐུར་པའི་ཕྱིར་དུ་བསྐུལ་ཏེ་སྤྱན་དྲངས་པ་རྣམས་ནམ་མཁར་བཞུགས། བསྒྲུབ་པའི་ དཀྱིལ་འཁོར་བ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་རང་གི་སྟེང་ཕྱོགས་ [021A]༄༅། །སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་ བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་བསྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་ རིང་ཁྱོད་ལ་དབང་རབ་བསྐུར། །དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱ་སརྦ་ཏ་ ཐཱ་ག་ཏ་ཨ་བཧི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་སཱ་ཧཱ། ཞེས་པས་མཐའ་རྟེན་གྱི་ཆུ་དབང་བསྐུར། དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར། ལུས་ཐམས་ཅད་གང། བདེ་བ་ཆེན་པོ་མྱོང། དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་ སྤྱི་གཙུག་ཏུ་གནས་པ་ཡོང་སུ་གྱུར་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་རང་གི་ [021B] ཨོཾ་སུ་པྲ་ཏི་ཥྛ་བཛྲ་ཡེ་སཱཧཱ། ཞེས་བརྗོད་ནས་མེ་ཏོག་འཐོར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ ནས་ ཤཔྟ་ འི་བར་གྱིས་མཆོད་དོ། །གཉིས་པ་ལ་དྲུག་དེ་ཁོ་ན་ཉིད་དང་ལས་གྱི་རིམ་པ་ བཤད་པ། སྔགས་གཏད་པ་དང་མིག་སྨན་བསྐུ་བ། མེ་ལོང་དང་མདའ་འཕང་བ། སྤྱི་དང་བྱེ་བྲག་གི་རྗེས་སུ་གནང་བ། རྡོ་རྗེའི་བརྡུལ་ཞུགས་དང་ལུང་བསྟན་པ་གསང་བ་བཤད་པ་དང་དབུགས་དབྱུང་བའོ། །དང་པོ་ལ་གཉིས་ལས། དེ་ཁོ་ན་ ཉིད་བཤད་པ་ནི། དེ་ལ་སངས་རྒྱས་དང་སངས་རྒྱས་མ་ཡིན་པ་གཉིས་དེ་ཁོ་ན་ཉིད་དུ་མི་མཉམ་པ་མེད་པས་གྲུ་བཞི་པ། དྲན་པ་ཉེར་བཞག་བཞི་དག་པ་ནི་ཤར་གྱི་སྒོ། ཡང་དག་སྤོང་བཞི་དག་པ་ནི་ལྷོའི་སྒོ་ རྫུ་འཕྲུལ་རྐང་བཞི་དག་པ་ནི་ནུབ་གྱི་སྒོ། དད་སོགས་དབང་པོ་ལྔ་དག་པ་ནི་བྱང་གི་སྒོ། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་ཕྱི་ནང་གི་རྡོ་རྗེའི་ཕྲེང་བ། རྣམ་པར་ཤེས་པའི་ཕུང་པོ་དང། ཆོས་ཀྱི་ དབྱིངས་ཀྱི་ཡེ་ཤེས་རྣམ་པར་དག་པ་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའོ། །ཞེས་དང། ལས་ཀྱི་རིམ་པ་བསྟན་པ་ནི། བསྲུང་བའི་དམ་ཚིག་དང། བཟའ་བའི་དམ་ཚིག་དང། གཏོར་མའི་ཆོ་ག་དང། བསྲུང་བ་དང་ ཕྱིར་བཟློག་པ་དང། དཀྱིལ་འཁོར་བསྒྲུབ་པ་དང། དེར་སློབ་མ་བཞུགས་པའི་མཚན་ཉིད་ནི་སློབ་དཔོན་གྱི་ལས་སུ་བྱ་བའི་རིམ་པ་ཡིན་ནོ། ཞེས་བརྗོད། དེ་ཁོ་ན་ཉིད་དང་ལས་རིམ་བསྟན་པ་འདི། པཎ་ཆེན་གོང་མའི་དཀྱིལ་ཆོག་ཏུ་ [022A]༄༅། །མ་བྱུང་བས་བཞག་ཀྱང་ཆད་པའི་སྐྱོན་མེད་དོ། །གཉིས་པ་ནི། བླ་མ་དང་གཙོ་བོ་ཐ་མི་དད་པའི་དཔལ་རྡོ་རྗེ་འཇིགས་བྱེད་སེམས་དཔའ་གསུམ་བརྩེགས་ཅན་དུ་གྱུར། པར་ བསམས་པ་དེས་སྔགས་གསུམ་ལན་བརྒྱ་རྩ་བརྒྱད་དམ་གསུམ་བཟླས་རྗེས། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་ནས་གཙོ་བོ་ལ་གསོལ་བ་བཏབ་པར་བསམ་ རང་གིས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་བླ་མ་དང་གཙོ་བོ་ཐ་མི་དད་པ་ལ་གསོལ་བ་བཏབ་རྗེས། སྔགས་གསུམ་གྱི་རྗེས་ཟློས་བྱས་པར་མོས་ནས་ལན་ གསུམ་རེ་བརྗོད། སྔགས་ཀྱི་ཕྲེང་བ་བླ་མའི་ཐུགས་ཀ་ནས་བརྒྱུད་དེ་ཞལ་ནས་བྱུང་བ་རང་གི་སྙིང་གར་ཧཱུཾ་གི་མཐའ་བསྐོར་དུ་གནས་པར་གྱུར་ བར་བསམ་མོ། །དེ་ནས་གསེར་ལ་སོགས་པའི་སྣོད་དུ་བཞག་པའི་མར་དང་སྤྲང་རྩི་ མིག་སྨན་གསེར་གྱི་ཐུར་མས་བླང་ལ། རང་གི་མིག་གཉིས་ལ་ཡི་གེ་བྲཾ་ བསམས་ལ། ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱི་ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། ། བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། ། ཞེས་བརྗོད་ནས་མིག་སྨན་བསྐུས་ཤིང་མིག་འབྱེད་པའི་ཚུལ་བྱས་པས། མ་རིག་པའི་ལིང་ཏོག་དང་བྲལ་ནས་ཡེ་ཤེས་ཀྱི་སྤྱན་ཕྱེ་བར་གྱུར་བར་ [022B] གསུམ་པ་ནི། ཨཱ་ལས་བྱུང་བའི་མེ་ལོང་ཨཱ་ ས་བསྔགས་བ་བསྟན་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ ལས་ཡང་དག་འབྱུང། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་ རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཞེས་བརྗོད་ལ། སྤྱིར་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་དང། ཁྱད་པར་དུ་རང་གི་སྙིང་ལ་ཞུགས་པའི་ རྡོ་རྗེ་སེམས་དཔའ་ནི། མེ་ལོང་གི་གཟུགས་བརྙན་ལྟར་ཤེས་བར་གྱིས་ཤིག་ །ཅེས་བསྒོ། དེ་ནས་བླ་མས། ཧོ་ལས་སྐྱེས་པའི་མདའ་གཞུ། ཧོ་ ཞེས་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཡཱ་སཱ། ཞེས་བརྗོད་ནས་བྱིན་པར་ བསམས་ལ་རང་གིས་ཀྱང། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རག་ཡཱ་མི། ཞེས་བརྗོད་ཅིང། བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་མདའ་འཕང་ཞིང་དེའི་ཚེ་སློབ་དཔོན་གྱིས་སྔགས་སྔ་མ་བརྗོད་པར་བསམ། དེ་ཡང། མིག་སྨན་ མིག་ཐུར་གྱིས་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཤེས་རབ་ཀྱི་མིག་ཁྱད་པར་ཅན་བསྐྱེད་པ་དང། མེ་ལོང་གིས་རྗེས་ཐོབ་ཏུ་ཡུལ་སྣང་སྒྱུ་མ་ལྟ་བུ་འཆར་བ་དང། མདའ་གཞུས་དོན་སྤྱིས་མ་སྒྲིབས་པར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བག་ཆགས་འཇོས་གོ་ [023A]༄༅། །བཞི་པ་ལ་གཉིས་ལས། སྤྱིའི་ཆོས་བཤད་པའི་རྗེས་གནང་ནི། དེ་ནས་བླ་མས། བཧྲུཾ་ལས་བྱུང་བའི་འཁོར་ལོ། ཨོཾ་བཛྲ་ཧེ་ཏུ་མཾ། ཞེས་བས་མདུན་ནམ་སྟན་དུ་བྱིན། དབྱངས་ཐ་མ་ཨཿ་ལས་ བྱུང་བའི་དུང། ཨོཾ་ བཛྲ་བྷ་ཥ་རཾ། ཞེས་བས་ལག་པ་གཡས་སུ་གཏད་ལ་འབུད་དུ་གཞུག་ །དབྱངས་དང་པོ་ཨ་ལས་བྱུང་བའི་གཤིན་རྗེ་གཤེད་ཀྱི་རྒྱུད་ཀྱི་བོ་ཏེ། ལག་པ་གཡོན་དུ་གཏད་ལ། དེང་ནས་བརྩམས་ཏེ་སེམས་བསྐྱེད་ པ། །ཙམ་གྱིས་ཆོས་དུང་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་བརྗོད་དོ། དབྱངས་ཐ་མ་ཨ་ལས་བྱུང་བའི་དྲིལ་བུ། ལག་པ་གཡོན་ཏུ་གཏད་ལ་དཀྲོལ་ནས།། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བས། །ཐམས་ཅད་མཆོག་ནི་མཉམ་ཉིད་གསལ། །ཞེས་བརྗོད་དོ། །བྱེ་བྲག་གི་ཆོས་བཤད་པའི་རྗེས་ གནང་ནི། སློབ་མ། རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་གྱུར་ བར་བསམས་པ་ལ། བླ་མས་རིགས་ལྔའི་ཕྱག་མཚན་རྣམས་རིམ་པ་བཞིན་དུ། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །ཇི་ལྟར་ སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་གནས་སུ་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། ལས་ཀྱི་སྒྲ་བཅུག་པ་རྣམས་བརྗོད་ནས་བྱིན་ཏེ་རིགས་སོ་སོའི་དཀྱིལ་འཁོར་དྲི་བ་དང་བཤད་པ་བྱེད་པའི་ [023B] ལྔ་པ་ནི། སློབ་མ། རང་ཉིད་རྡོ་རྗེ་སེམས་དཔར་གྱུར་ བ་ལ་བླ་མས། ཧཱུཾ་ལས་བྱུང་བའི་རྡོ་རྗེ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ ཏུ་བཅད། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེའི་བརྟུལ་ཞུགས་དང་རྟག་ཏུ་མི་འབྲལ་བར་གྱིས་ཤིག་ ཅེས་བརྗོད་ནས་ལག་པ་གཡས་སུ་བྱིན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ ཡ་ཏིཥྚྷ་ཨེ་ཥཱ་སྟྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧིཿ་ཧི་ཧི་ཧི་ཧི་ཧཱུཾ། ཞེས་བརྗོད་ལ་བཟུང་ངོ། །དེ་ནས། སློབ་མ་རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་གསལ་བ་ལ། བླ་མ་རྒྱལ་བ་ཤཱ་ཀྱ་ཐུབ་པའི་ཆ་ལུགས་ཅན་དུ་གྱུར་ ཏེ་ཕྱག་གཡོན་བས་ཆོས་གོས་ཀྱི་གྲྭ་སྙིང་ གར་བཟུང། གཡིས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ནས། འདིར་ནི་ཁྱེད་རྣམས་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན།། ཀྱཻ་དཔལ་ཆེ་གེ་མོ་ཞིས་བྱ་བའི་དེ་བཞིན་གཤེགས་པ། སིདྡྷི་ས་མ་ཡ་སྟྭཾ་བཧུར་བཧུ་རྦ་སྦཿ་ཨ། གང་ལ་ཕྱག་རྒྱ་འདིས་ལུང་བསྟན་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་འཁོར་དང་ བཅས་པའི་དཀྱིལ་འཁོར་བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དེ། ཕྱག་རྒྱ་འདི་ཉིད་ཀྱི་མཐུ་དང་སྔགས་འདིའི་སྟོབས་ཡིན་ནོ། །ཞེས་བརྗོད་དེ་ལུང་ [024A]༄༅། །བསྟན་པར་བསམས་ལ། དེའི་ཚེ་བླ་མ་དང་ལྷན་ཅིག་ནམ་མཁར་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་ཀྱང་ཚུལ་འདི་ལྟ་བུར་ལུང་བསྟན་པར་མོས། དྲུག་པ་ནི། འདོད་ཆགས་བྲལ་བ་ ལྟ་བུའི་སྡིག་ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། ཅེས་གསང་བ་བརྗོད། དེ་ནས། མཆོག་ཏུ་གསང་ བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ཡིས་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་ མེད། །སྲིད་པ་ཤིན་ཏུ་གྲུབ་བྱའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །རྡོ་རྗེའི་ཕྱག་རྒྱ་གང་ཡིན་པས། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །བྱང་ཆུབ་ སེམས་ནི་བཏང་མི་བྱ། །དམ་པའི་ཆོས་ནི་སུན་མི་དབྱུང། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཡང་ངེས་པར་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། ། ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་དོར་ནས་ནི། །དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང། །ཅི་བདེ་བར་ནི་བདེ་བར་བཟུང།། [024B] །ད་ནི་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀྱང་ནི་མཐུན་པར་དགོངས། །སེམས་ ཅན་རྣམས་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད་དེ་དབུགས་དབྱུང་བའོ། །དག་པ་ནི། དེ་ལྟར་ཕྱི་ནང་གི་དཀྱིལ་འཁོར་ གཉིས་ལས། ཕྱི་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དུ། སློབ་དཔོན་དུ་བྱ་བའི་ཆེད་དུ་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བས་ན་སློབ་དཔོན་གྱི་དབང་དང། ཕྱིར་མི་ལྡོག་པ་རྣམས་ཀྱི་དབང་དང་འདྲ་ཞིང། ཕྱིར་མི་ ལྡོག་པའི་ས་བོན་ཁྱད་པར་ཅན་བསྐྲུན་པར་བྱེད་པའི་ཕྱིར་ན་ཕྱིར་མི་ལྡོག་པའི་དབང་ཞེས་པ་དང། དབང་དྲུག་ག་ལ་བུམ་པའི་ཆུའི་བྱ་བ་རྗེས་སུ་འགྲོ་བས་བུམ་པའི་དབང་ཞེས་བྱ་བ་ཐོབ། གཙོ་བོར་ལུས་ཀྱི་དྲི་མ་གསུམ་ སྔར་བསགས་སྤྱོད་ཞིང་ཕྱི་མ་སྡོམ་པ་དང། ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་འཁྲུད་བས་སྐུ་རྡོ་རྗེ་སྦྱོང། ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང། འབྲས་བུ་སྤྲུལ་བའི་སྐུའི་ ནུས་ལ་ཁྱད་པར་ཅན་འཇོག་གོ་ ཞེས་བརྗོད་དོ། །སློབ་དཔོན་གྱིས་མཐའ་རྟེན་འདི་དག་ལ་དབང་རྫས་དངོས་སུ་ཡོད་པའམ་མེད་ན་ཕྱག་རྒྱ་ཅིས་ཀྱང་བྱེད་དགོས་སོ། །གཉིས་པ་གསང་བའི་དབང་ནི། སྐྱེ་བོ་ལོག་ལྟ་ཅན་ལ་སོགས་པས་དབེན་པའི་གནས་ [025A]༄༅། །སུ་བླ་མ་ལ་ཡིད་དུ་འོང་བའི་གཟུགས་ལ་སོགས་པའི་ཡོན་ཏན་ལྡན་ཞིང་དམ་ཚིག་དང་སྡོམ་པ་བསྲུང་བ། རྣལ་འབྱོར་བཞི་ལ་མཁས་པའི་རིག་མ་མཎྜལ་ངང་ལྷན་ཅིག་ཕུལ་བར་མོས་ནས། མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་ བ་ལྟར། །བདག་ཀྱང་བ་སྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ། ཞེས་ལན་གསུམ་གྱིས་གསང་དབང་གི་དོན་དུ་གསོལ་བ་གདབ། བླ་མ་ཡབ་ཡུམ་སྙོམས་པར་འཇུག་པ་སོགས་ཀྱི་གསང་བ་འགེབ་པའི་ཕྱིར་མིག་དར་འཆིང། བླ་མ་དང་གཙོ་བོ་ཐ་མི་དད་པ་ དཔལ་རྡོ་རྗེ་འཇིགས་བྱེད་སེམས་དཔའ་སུམ་བརྩེགས་ཅན་དུ་གྱུར་ བར་བསམ། སྐབས་འདིར་གཙོ་བོ་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ཅན་དུ་མེད་པས། རིགས་བདག་མི་བསྐྱོད་པའི་ཡུམ་མཱ་མཀྵི་བབ་པ་ལ་བརྟེན་ནས་གསང་དབང་བསྐུར་བར་མཛད་པ་ཡིན་པས། གཙོ་བོའི་གསང་གནས་མི་ དམིགས་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ཨོཾ་ལས་བྱུང་བའི་ནོར་བུ་བུ་ག་ཕཊ་ཀྱིས་བཀག་པ། རིགས་བདག་གི་ཡུམ་མཱ་མ་ཀཱིའི་གསང་གནས་མི་དམིགས་པའི་ངང་ལས་ཧཱུཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཨ་ལས་བྱུང་ བའི་ཟེའུ་འབྲུ་བུ་ག་ཕཊ་ཀྱིས་བཀག་ བར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱག་ན་བཛྲ་སྦ་བྷཱ་ཝ་ཨཱཏྨ་ཀོཉྷཾ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སྤྱི་བོ་ནས་ཞུགས། བྱང་ཆུབ་ཀྱི་ སེམས་སུ་ཞུ་བ་རྡོ་རྗེ་ནོར་བུའི་ནང་དུ་བསྐྱེད་པ་བརྟན་པར་བྱས་པ། བླ་མས་མཐེབ་སྲིན་གྱིས་བཙིར་ཏེ་བཏོན་ནས། བཏུང་བ་རིན་ཆེན་འདི་ཡིས་ནི། རྡོ་རྗེ་ཡི་ནི་ལུས་སྒྲུབ་བར། །བུ་ཁྱོད་ཀྱིས་ནི་ཤེས་གྱིས་ལ། །ཡིད་ལས་བྱུང་ [025B] ཅེས་བརྗོད་དེ། སློབ་མ་རང་གི་ཁར་བྱིན་པར་མོས་ལ་དངོས་སུ་ཆང་དང་བུ་རམ་བསྲེས་པ་ལྟ་བུའི་གསང་རྫས་མྱང། དེ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་སམ། མ་མཐའ་འང་བདེ་བ་སྐྱེས་བར་མོས་ནས། ཨཱ་ཧོ་མཧཱ་སུ་ཁ་ ཞེས་བརྗོད།། སླར་ཡང་ཡུམ་གྱིས་རང་གི་པདྨར་གནས་པའི་ལྷ་རྣམས་ཞུ་བའི་བདུད་རྩི། བཏུང་བ་རིན་ཆེན་འདི་ཡིས་ནི། །རྡོ་རྗེ་ཡི་ནི་ལུས་སྒྲུབ་པར། །བུ་ཁྱོད་ཀྱིས་ནི་ཤེས་གྱིས་ལ། །ཡིད་ལས་བྱུང་བའི་ཆུ་འཐུང་ཞིག་ ཅེས་བརྗོད་ནས་ཁར་བྱིན་པ་མྱང་བ་ལས་བདེ་བ་སྔར་བཞིན་སྐྱེས་པར་བསམས་ནས། ཨ་ཧོ་མཧཱ་སུ་ཁ་ ཞེས་བརྗོད། དེ་ནི་མཆོག་གི་གསང་དབང་བསྐུར་ཚུལ་ཡིན་ལ། གསང་རྫས་དངོས་སུ་ཡོད་ན་ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། བཀྲ་ཤིས་གང་ ཞིག་སེམས་ཅན་ཀུན་གྱི་ ཞེས་སོགས་ཤླཽ་ཀ་གཅིག་ །བཏུང་བ་རིན་ཆེན་འདི་ཡིས་ནི། །རྡོ་རྗེ་ཡི་ནི་ལུས་སྒྲུབ་བར། །བུ་ཁྱོད་ཀྱིས་ནི་ཤེས་གྱིས་ལ། །ཡིད་ལས་བྱུང་བའི་ཆུ་འཐུང་ཞིག་ཨ་ཧོ་མཧཱ་སུ་ཁ། ཞེས་པའི་བར་སྔར་ བཞིན་བྱ་བར་འཇིགས་བྱེད་བཅུ་གསུམ་མའི་བདག་འཇུག་ངག་འདོན་ལྷན་ཐབས་སུ་འབྱུང། དེ་ལྟར་བླ་མ་ཡབ་ཡུམ་གྱིས་བྱིན་པའི་བྱང་སེམས་དཀར་དམར་མྱ་ངས་པ་ལས་བདེ་བ་ཆེན་པོ་སྐྱེ་ལ། བདེ་བ་དེས་སྟོང་པ་ངེས་པའི་བདེ་སྟོང་ དབྱེར་མེད་དེ་ཉིད་གསང་དབང་གི་དངོས་གཞི་ཡིན་ནོ། །ཞེས་གོ་བར་བྱས་ནས་མིག་དར་དཀྲོལ། དག་པ་ནི། ཁྱོད་ཀྱིས་དཀྱིལ་འཁོར་བཞི་ལས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རྫས་གསང་བ་ལས་བྱུང་བའི་ [026A]༄༅། །དབང་ལ་གསང་བའི་དབང་བསྐུར་བ་ཞེས་བཤད་པ་དེ་ཐོབ། ཐུན་མོང་བ་ངག་གི་དྲི་མ་རྫུན་དུ་སྨྲ་བ་སོགས་སྔར་བསགས་འདག་ཅིང་ཕྱི་མ་སྡོམ་པ་དང། ཐུན་མོང་ མ་ཡིན་པ་རླུང་ལ་ངག་ཏུ་གསུངས་བའི་དྲི་མ་རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་འཁྲུད་པས་ན་གསུང་རྡོ་རྗེ་སྦྱོང། ཀུན་རྫོབ་སྒྱུ་མའི་སྐུའི་རང་བཞིན་ཅན་གྱི་རྡོ་རྗེའི་སྐུ་བདག་བྱིན་གྱིས་བརླབ་པ་བསྒོམ་པ་ལ་ དབང་བར་བྱས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་གོ་ ཞེས་གོ་བར་བྱའོ། །གསུམ་པ་ནི། སློར་དཔོན་ལ། སྔར་གྱི་གསང་དབང་གི་རིག་མ་དེ་ཉིད་དམ་གཞན་ཡང་གཟུགས་ལ་ སོགས་པའི་མཚན་ཉིད་དང་ལྡན་པའི་རིག་མ་གང་ཡང་རུང་བ་ཡང་དག་པར་རིག་པ་ཙམ་གྱི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། མཎྜལ་དང་ལྷན་དུ་ཕུལ་བར་མོས་ནས་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ ཀྱང་བསྐྱབ་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ། ཞེས་ལན་གསུམ་གྱིས་ཤེར་དབང་གི་དོན་དུ་གསོལ་བ་གདབ་ཅིང། མིག་དར་བཅིངས། བླ་མས། སློབ་མ་རང་གི་ལག་པར་ཕྱག་རྒྱ་མ་དེའི་ལག་པ་གཏད་པར་མོས་ནས་ གཟུངས་མ་ཡིད་འོང་འདི་དེ་ནི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་ [026B] །དེ་བས་འཁོར་བར་སྦྱོར་བྲལ་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག་འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་ མཆོག་གི་དངོས་གྲུབ་མེད། །ཅེས་གསུངས་ཤིང་ཤེར་རབ་མ་གཏད་པས། རིག་མ་དེས་ཀྱང་ཙན་དན་དང་གུར་གུམ་ལ་སོགས་པས་བྱུགས་ཤིང། ཤིན་ཏུ་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ་གོས་མེད་པར་ པདྨ་རབ་ཏུ་རྒྱས་བ་གསལ་བར་སྟོན་ཅིང། དྲི་ཆེན་དྲི་ཆུ་བཟའ་བ་དང། །ཁྲག་དང་ཁུ་བ་དེ་བཞིན་ཤ། །བུད་མེད་གུས་མཆོག་དེ་བཞིན་དུ། །བྷ་ག་པདྨར་ཙུ་མྦ་ནཾ། །བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །ཇི་ལྟར་བདེ་བར་ བུས་སྨྲོས་ཤིག་ཅེས་དྲི་བ་ལ། དྲི་ཆེན་དྲི་ཆུ་སོགས་བཟའ་བ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་བྱ། །བྷ་ག་ཉིད་ལས་ཙུམྦ་ནཾ། །ཞེས་བརྗོད་པས། ལྷ་མོ་དེ་དགྱེས་ནས། ཨེ་མ་བདག་གི་ པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་གས་སྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་མཉེས་པ་ལ་སོགས་པ། །པདྨ་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། ། འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བཧུ་ཛ་མོ་ཀཥ་ཧོཿ་ཞེས་གསུངས་པར་གྱུར་ བར་བསམས་ནས། རང་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་བ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་ [027A]༄༅། །དྲུག་པའི་རྣམ་པ་ཅན་དུ་གསལ་བར་གྱུར། རིག་མ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་བ་ལས། ཡུམ་རོ་ ལངས་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པར་གྱུར། རང་གི་གསང་གནས་མི་དམིགས་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་བ། ཨོཾ་ལས་བྱུང་བའི་ནོར་བུ་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་ གསང་གནས་མི་དམིགས་པའི་ངང་ལས་ཧཱུཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ། ཨཱ་ལས་བྱུང་བའི་ཟེའུ་འབྲུ་བུ་ག་ཕཊ་ཀྱིས་བཀག་པ། རྣལ་འབྱོར་བ་ཡིས་ཇི་སྲིད་དུ། །བྱང་སེམས་ འབྱིན་པར་མི་བྱེད་པ། །དེ་སྲིད་ཐོབ་འགྱུར་རྒྱུན་མི་ཆད། །དགའ་བ་ལས་སྐྱེས་བདེ་གཞན་ཅི། །དངོས་གྲུབ་ཀུན་གྱི་གཏེར་གྱུར་བའི། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །ཕུང་པོ་རྣམ་ཤེས་རྒྱལ་བ་ལ། ། མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་ཁམ་རྡོ་རྗེའི་ཀུན་སྤྱོར་དང། །རེག་བཅས་ཀྱི་ནི་རྨད་བྱུང་ཆེའི། །བདེ་བ་སྐྱེད་པར་བྱེད་པ་གང། །དེ་ནི་མཆོག་དགའ་བྱེད་པའོ། །དགའ་བྲལ་དག་གི་དབུས་སུ་ནི། ། མཚོན་བར་ལྟོས་ལ་བརྟན་བར་གྱིས། །པདྨའི་ནམ་མཁར་རྡོ་རྗེ་ཡི། །ལྟེ་བས་མནན་པའི་གནས་དག་ཏུ། །རྡོ་རྗེ་སྐྱིལ་ཀྲུང་དག་གིས་སེམས། །ནོར་བུའི་ནང་དུ་སོན་བ་ལྟ་ཞིང། །ཡེ་ཤེས་སྐྱེ་བ་གང་ཡིན་ [027B] ༑ཡེ་ཤེས་ངོ་བོ་ཞེས་པ་རྒྱན། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པ་མ་ཡིན་ནོ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང། །བདེ་ལ་གནས་བྱ་འགྱུར་མི་བྱ། །ཐུན་ནམ་ཡང་ན་ཉིན་ གཅིག་གམ། །ཟླ་ཕྱེད་ཟླ་བ་ལོ་དང་ནི། །བསྐལ་བ་བསྐལ་བ་སྟོང་དུ་ཡང། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། ཞེས་བའི་བར་མཁའ་གསང་བྱིན་གྱིས་བརླབས་ནས་བླ་མའི་མན་ངག་གིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ རྩ་བཙལ་བ་སྔོན་དུ་བཏང་ནས། འཁྲིག་ཐབས་ཀྱི་སྒོ་དུ་མ་དང་བཅས་སྙོམས་འཇུག་བརྩམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ། རང་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ མགྲིན་པར་སླེབ་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབ་པ་ན་མཆོག་དགའ། སྙིང་གནས་ལྟེ་བར་སླེབ་པ་ན་ཁྱད་དགའ། ལྟེ་བ་ནས་གསང་གནས་ཀྱི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་བའི་དགའ་བ་སྐྱེས་ བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་དགའ་བ་ནི་དབང་གསུམ་བའི་ངོ་བོ་ཡིན་ནོ། ། ཞེས་ཁོང་དུ་ཆུད་པར་བྱ་ཞིང། དེའི་ཚེ་སྙོམས་པར་ཞུགས་པ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་དངོས་སུ་སྐྱེས་པ་དང། དེ་སྐྱེས་བར་མོས་བ་དང་བདེ་བ་ཆེན་པོ་ སྐྱེས་བའམ་སྐྱེས་པར་མོས་བ་སོགས་ཀྱི་དབང་པོའི་རིམ་པས་ཤེར་དབང་ཐོབ་ལུགས་སྣ་ཚོགས་ཞིག་འོང་བ་ངོ་འཕྲོད་ངེས་བྱ་ལ། དེ་ནས་མིག་དར་དཀྲོལ་ལོ། །ཁྱོད་ཀྱིས་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་མ་ལ་བརྟེན་ནས་ཐོབ་པའི་དབང་ལ་ཤེས་ [028A]༄༅། །རབ་ཡེ་ཤེས་ཀྱི་དབང་ཞེས་བཤད་པ་དེ་ཐོབ། ཐུན་མོང་བ་ཡིད་ཀྱི་དྲི་མ་བརྣབ་སེམས་ལ་སོགས་པ་སྔར་བསགས་འདག་ཅིང་ཕྱི་མ་སྡོམ། ཐུན་མོང་མ་ཡིན་པ་ གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཆར་བ་ལ་སྒྲིབ་པའི་དྲི་མ་འཁྲུད་པས་ཡིད་དག་པར་བྱེད། འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་གྱུར་བའི་ནུས་པ་ ཁྱད་པར་ཅན་འཇོག་གོ་ ཞེས་པའི་དག་པ་བརྗོད་དོ། །བཞི་བ་དབང་བཞི་བ་བསྐུར་བ་ནི། མཎྜལ་ཕུལ་ཏེ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་བ་ཡང། ། བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། ། ཞེས་པ་ལན་གསུམ་གྱིས་གསོལ་བ་བཏབ། དབང་བཞི་བ་བསྐུར་ཚུལ་ནི། ཤེས་སྒྲིབ་བག་ཆགས་དང་བཅས་པ་དག་པའི་འོད་གསལ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ལས་ནམ་ཡང་མི་གཡོ་བའི་ཡེ་ ཤེས་དང། དེ་ཉིད་བཞིན་ལག་གི་རྣམ་པ་ཅན་དུ་ཤར་བའི་སྐུ་མཚན་དཔེས་སྤྲས་པ་གཉིས་ངོ་བོ་དབྱེར་མེད་པའི་མི་སློབ་པའི་ཟུང་འཇུག་དོན་གྱི་དབང་བཞི་བ་དང། དེ་འདྲེན་བྱེད་ལམ་དུས་ཀྱི་འོད་གསལ་དང་སྒྱུ་མའི་སྐུ་ངོ་བོ་དབྱེར་མེད་དུ་འཇུག་པའི་སློབ་ པའི་ཟུང་འཇུག་གཉིས་ལ་འདི་ལྟ་བུའོ་ཞེས་ཚིག་གིས་བརྡ་སྤྲད་པ་ཙམ་གྱིས་བསྐུར་དགོས་པས་དེའི་ཚུལ་ནི། ཁྱོད་ཀྱིས་དབང་གསུམ་པ་ཐོབ་པའི་སྐབས་སུ་རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་ [028B] སེམས་ལྷན་ཅིག་སྐྱེས་པའི་དགའ་བས་དེ་ཁོ་ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་ཡོད་པ་དེ་བཞིན་དུ། དོན་དེ་གོམས་པར་བྱས་པ་ལས་མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་ རང་སྣང་གི་རིག་མ་དང་ཁ་སྤྱོར་བའི་ལུས་ཅན་དང། དེའི་དུས་ཉིད་ན་ཐུགས་ལྷན་ཅིག་སྐྱེས་པའི་དགའ་བ་དང། སྟོང་པ་ཉིད་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐམས་ཅད་སྟོང་པ་གཉིས་ངོ་བོ་དབྱེར་མེད་ པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་དེ། དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ། །ཞེས་བརྗོད་ནས། བརྡ་འཕྲོད་ངེས་སུ་ངོ་སྤྲད་ཅིང། དེ་ལ་བརྟེན་ནས་སློབ་མའི་རྒྱུད་ལ་ཟུང་འཇུག་འདི་ལྟ་བུ་ ཡོད་པར་འདུག་གོ་སྙམ་དུ་གོ་བ་ཆགས་པ་དེ་ག་ཚིག་གི་དབང་བཞི་བ་ཐོབ་པ་ཡིན་ནོ། །དེ་ནས་སློབ་མ་ལ་དབང་གི་ཕན་ཡོན་གྱིས་སྤྲོ་བ་བསྐྱེད་པ་དང་དམ་ཚིག་བསྒྲག་པ་ནི། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་ བས་ན། །སྡིག་པ་ཀུན་ལས་རྣམ་གྲོལ་བར། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །མི་ཚུགས་པ་དང་མ་བཅིངས་པར། །གང་ལ་ ལའང་འཇིགས་མེད་དགའ་བར་གྱིས། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་ཡང་དག་འགྱུར། །དངོས་གྲུབ་དམ་ཚིག་ [029A]༄༅། །སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྒྲུབ་བྱ་སྟེ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །སློབ་དཔོན་སྨོད་ པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདས་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་རྣམས་ལ། །ཉེས་པ་བརྗོད་བར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་ པར་སྤང་མི་བྱ། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་མི་སྨད་དོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་ རྣམས་ངོ་བོ་སུན་མི་དབྱུང། །གདུག་པའི་བྱམས་པ་རྟག་ཏུ་སྤང། །ཆོས་ལ་ཚད་བཟུང་མི་བྱའོ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཤེས་རབ་རང་བཞིན་ བུད་མེད་རྣམས། །སྐྱོན་གྱི་ཉེས་པ་མི་བརྗོད་དོ། །རྣལ་འབྱོར་སློང་མོས་མི་རྒྱུ་ཞིང། །རྣལ་འབྱོར་སྤང་པར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླས། །རྟག་ཏུ་དམ་ཚིག་ལ་སོགས་ བསྟེན། །གལ་ཏེ་བླ་མ་སྨོད་དེ་བཞིན། །དམ་ཚིག་བག་མེད་པར་གྱུར་ན། །དེ་ཚེ་དཀྱིལ་འཁོར་ངེས་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེང་ཁྱོད་སྐྱེས་པ་འབྲས་བུར་ [029B] །གང་ཕྱིར་འདི་ལ་ལེགས་པར་གནས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །གནས་པར་གྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་བཅས་པ། །ཀུན་གྱིས་ཚེ་ལྡན་དང་དབང་བསྐུར། ། ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྒྱལ་སྲིད་བདག་པོར་བསྟན་པ་ཡིན། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་བཞུགས་སོ། །དེ་རིང་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་པ་འདི་ ལ་ཐེ་ཚོམ་མེད། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་བར་གྱིས། །དེ་རིང་འགྲོ་བ་བདེ་མྱུར་རྡོ་རྗེ་སེམས་དཔའ་དང། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་ བར་གྱུར། །ཞེས་བརྗོད། སློབ་མ་རབ་ཏུ་གུས་ཤིང་མཉེས་གཤིན་པས་བླ་མའི་ཞབས་ལ་ཕྱག་བཙལ་བར་མོས་ཏེ། བླ་མས་བསྒོ་བའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་བྱ་སྙམ་དུ་བསམས་ནས། གཙོ་བོས་ཇི་ལྟར་བཀའ་ བསྒོ་བའི། །གསུང་ནི་དེ་ལྟར་བདག་གིས་བགྱི། །ཞེས་བརྗོད་ཅིང་བསྡུས་པ་ལ་མོས་ན་སྤྲོ་བ་བསྐྱེད་པ་དང། དམ་ཚིག་བསྒྲག་པའི་ཚིགས་བཅད་འདི་རྣམས་བཞག་ཀྱང་ཆོག་གོ་དེ་ནས་དག་པ་ནི། དེ་དག་གིས་དོན་དམ་པ་ བྱང་ཆུབ་གྱི་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་བ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་བཞག་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་ [030A]༄༅། །བསྒོམ་པ་སོགས་ལ་དབང་བར་བྱས། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་སོ། ། ཞེས་བརྗོད། གསང་ཤེར་སྐབས་ སུ་མིག་དར་བཅིང་བ། གསང་རྫས་ལག་གཡོན་པས་མྱང་བ། དག་པའི་སྐབས་མིག་དར་བསལ་བ་སོགས་མ་ཆད་པ་ངེས་དགོས་སོ། །དེ་ནས་སློབ་མ་ལ་དབང་བསྐུར་པའི་སྐབས་ཡིན་ན་འབྱོར་བ་ཅི་ཡོད་ཀྱི་ཡོན་འབུལ་ཞིང། གཞན་ཡང་ འཁོར་འདས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་བློས་བསླངས་ཏེ་ཕུལ་བར་མོས་ནས་མཎྜལ་རྒྱས་པ་དབུལ་ལོ། །དེ་ནས་གཏང་རག་གི་མཆོད་པ་བྱིན་གྱིས་བརླབས་ཏེ། མཆོད་ཕྲེང་དང་བཅས་རྒྱས་པའམ་བསྡུ་ན་སྔགས་ཙམ་གྱིས་མཆོད་ཅིང། ནང་ མཆོད་དང་བསྟོད་པའང་བྱ། དེ་ནས་ཡི་གེ་བརྒྱ་བ་ལན་གསུམ་བརྗོད་དེ་ཆད་ལྷག་གི་ཉེས་པ་ཞི་བར་བྱ། མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ནས། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། ། གང་ཕྱིར་ལུས་ཅན་བསྐྱབ་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང། །གང་ཡང་ནུས་པ་མ་མཆིས་བས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ ཀྱིས་བཟོད་མཛད་རིགས། །ཞེས་བརྗོད་དེ་ཆད་ལྷག་གི་ཉེས་པ་ཞི་བའི་ཕྱིར་བཟོད་པར་གསོལ་ནས། བསྟན་པ་རྒྱས་ཞིང་འགྲོ་བ་བདེ་བ། རང་གཞན་གྱི་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་ཞིང། མཐུན་རྐྱེན་འཕེལ་བ་སོགས་གནས་ [030B] བདག་ལ་དངོས་གྲུབ་མཆོག་སྩོལ་ལེགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་ མེད་པ་སྩོལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ་ཞེས་བརྗོད་ཅིང། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རང་གིས་སྤྲུལ་པའི་དུར་ཁྲོད་སྲུང་འཁོར་ དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། ཞེས་པ་ནས། ནཱ་ད་ལ་ཐིམ་ནཱ་ད་ཡང་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་ དང་ཐོད་པ་འཛིན་པའི་སྐུར་བཞེངས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ་ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར་ པར་བསམས་ནས། རང་ལྷའི་ང་རྒྱལ་བརྟན་པོས། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྟེན་དང་བརྟེན་པའི་ དཀྱིལ་འཁོར་འོད་དུ་ཞུ་བ་ལས་རས་བྲིས་ཀྱི་རྣམ་པར་གྱུར་པར་བསམ་ལ། ཞང་ཞུང་ཆོས་དབང་གྲགས་པའི་སྨོན་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་བླ་མ་རྡོ་རྗེ་འཇིགས་བྱེད་ཁྲོ་བོ་ཆེན་པོ་ཁྱད་ཆོས་ལྔས་ཁྱད་པར་དུ་འཕགས་པ། ༸ཁམས་ གསུམ་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་ལྔའི་ཡ་གྱལ་བདུད་ལས་རྣམ་པར་རྒྱལ་བ་འདི་ལྟ་བུ་སྙིགས་མའི་དུས་འདིར་མ་བསྟེན་ན་ཆོས་འགོ་མཐོན་པར་གསུངས་ཤིང། ཁྱད་པར་རི་བོ་དགེ་ལུགས་པར་ཁས་ཆེ་བ་རྣམས་ཀྱང་བླ་མ་ཡི་དམ་ཆོས་སྐྱོང་འཇམ་དབྱངས་ཁོ་ན་ལ་ [031A]༄༅། །བསྟེན་པ་ཐུན་མོང་མ་ཡིན་པའི་མན་ངག་གི་གནད་གཞན་ལ་མེད་པའི་ཟབ་ཁྱད་ཞིག་ཡོད་པ་ཀུན་ལ་མི་བསྒྲགས་པར་ཐུགས་ཀྱི་བང་མཛོད་དུ་བཞུགས་པ་མཛད་འཚལ། ཞེས་བཅོམ་ལྡན་འདས་དཔལ་ རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་ཆོ་ག་ཆ་ལག་ཚང་བ་ནག་འགྲོས་སུ་བཀོད་བ་ཞིག་དགོས་ཞེས་དར་ཧན་ཝང་གི་ཕྱོགས་ཀྱི་གྲྭ་རིགས་མང་ཐོས་སྡེ་སྣོད་འཛིན་པ་སྨོན་ལམ་རབ་འབྱམས་པ་བསྟན་པའི་འཁོར་ལོ་ནས་རིན་ཆེན་གཉིས་པའི་རྟེན་འབྲེལ་དང་ལྷ་དར་ བཅས་རྣ་བ་ཡང་ཡང་འཛར་བའི་སོས་དལ་དུ་གནས་མ་བཅུག་པར་བརྟེན། རང་ལ་འདི་ལྟ་བུ་རྩོམ་རྒྱུའི་ཡོན་ཏན་རྒྱུ་ཚོགས་རི་བོང་རྭའི་སྤུན་ཟླར་གྱུར་མོད། དུས་དབང་གིས་རང་མཉམ་ཚོས་ཆོ་ག་ཕྱག་ལེན་ཐམས་ཅད་སླ་ཆོས་ཁྲལ་ཆོས་འབའ་ཞིག་བྱེད་པ་མང་དུ་མཐོང་ བའི་རྐྱེན་བྱས། བྱ་རོག་དཀར་པོའི་བརྟུལ་ཞུགས་བཟུང་སྟེ། མཁས་གྲུབ་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་ཐོབ་བ། ཁྱད་པར་རྡོ་རྗེ་འཆང་ཡབ་སྲས་རྣམས་ཀྱི་ཞལ་གྱི་བདུད་རྩིས་ཉེ་བར་འཚོ་བའི་བན་རྒན་འདུ་གསུམ་པ་ཆོས་ཀྱི་རྡོ་རྗེས། དམ་པ་རྣམས་ཀྱི་ཕྱག་བཞེས་ མཛད་རྒྱུན་དང་དཀྱིལ་ཆོ་ག་གི་ངག་འདོན་ནག་འགྲོས་སུ་བཀོད་པ་སྒྲུབ་ཐབས་ཀྱི་ཁྱད་པར་ཕྱོགས་བསྒྲིགས་སུ་བཀོད་པའི་དགེ་བས་མཁའ་མཉམ་སེམས་ཅན་ཐམས་ཅད་བདུད་བཞིའི་གཡུལ་ལས་རྒྱལ་བའི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག་ །།།